མེགཱཡཱལཱ་དང་ནཱགཱལེནྜ་མངའ་སྡེའི་ནང་དུ་འོས་བསྡུ་དེ་རིང་འགོ་བཙུགས་ཡོད་པ་རེད་འདུག།
མེགཱཡཱལཱ་དང་ནཱགཱལེནྜ་ཀྱི་ས་གནས་གྲོས་ཚོགས་ཀྱི་གསལ་བསྒྲགས་དེ་རིང་ཡོངས་ཁྱབ་བྱེད་རྒྱུ་ཡིན་པ་རེད་འདུག།
དེའང་འོས་མི་ལ་འཛུལ་བཞུགས་བྱེད་རྒྱུའི་འགོ་འཛུགས་དེ་རིང་གསལ་བསྒྲགས་གཏོང་ཚར་བའི་རྗེས་སུ་བྱེད་རྒྱུ་ཡིན་པ་རེད་འདུག་པ་དང་མངའ་སྡེ་གཉིས་པོའི་འོས་བསྡུ་ནི་ཕྱི་ཟླ་༢ ཚེས་༢༧ ལ་བྱེད་རྒྱུ་ཡིན་པ་རེད་འདུག་ དེའང་འོས་མིར་བཞུགས་ཆེད་ཀྱི་ཚེས་མཐའ་མ་ཕྱི་ཟླ་༢ ཚེས་༧ ལ་ཡིན་པ་རེད་འདུག་ མངའ་སྡེ་གཉིས་པོར་ས་གནས་གྲོས་ཚོགས་སུ་ས་མི་༦༠ རེ་ཡོད་པ་རེད་འདུག།