འདས་གྲོངས་སུ་སོང་བའི་གློག་བརྙན་འཁྲབ་སྟོན་པ་སྲི་ཌེཝི་མཆོག་གི་མཐའ་མའི་ཞལ་འདོན་མངའ་སྡེའི་ཆེ་བསྟོད་ཐོག་གནང་ཡོད་པ་རེད་འདུག།
སྙན་གྲགས་ཅན་གྱི་འཁྲབ་སྟོན་པ་སྲི་ཌེཝི་མཆོག་གི་འདས་གྲོངས་སོང་བའི་ཆོས་མཐའ་མ་དེ་རིང་རྒྱལ་ས་མུམ་བེ་ལ་བྱེད་རྒྱུ་ཡིན་པ་རེད་འདུག་ ཁོང་གི་ཕུང་པོ་ཁས་ས་རྒྱལ་ས་མུམ་བེ་ལ་ཌུ་བེ་ནས་གནམ་འགྲུའི་བརྒྱུད་འོར་འདྲེན་བྱེད་ཡོད་པ་རེད་འདུག།
དེའང་སྙན་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་སྲི་ཌེཝི་མཆོག་གི་ཕུང་པོ་ཁས་ས་ཡུ་ནེ་ཊེཌ་ཨ་རབ་ཨེ་མི་རེ་ཊིས་ནས་རྒྱ་གར་ལ་འབྱོར་རྒྱུ་ཡིན་པ་རེད་འདུག་ དེའང་རྒྱལ་ཁབ་དེས་གཞུང་འབྲེལ་ལམ་ལུགས་ལྟར་ཞིབ་དཔྱད་ཚར་བའི་རྗེས་སུ་རྒྱ་གར་ལ་གཏོང་རྒྱུ་ཡིན་པ་རེད་འདུག་པ་དང་དེ་གང་མགྱོགས་ཡོང་ཆེད་དུ་རྒྱ་གར་གཞུང་ཚབ་ཀྱིས་གནད་དོན་དེའི་ཐོག་ཕྱག་རོགས་གནང་བཞིན་པ་རེད་འདུག།